专业歌曲搜索

语言文字 伴奏 - 多吉仁真/多吉仁真.mp3

语言文字 伴奏 - 多吉仁真/多吉仁真.mp3
语言文字 伴奏 - 多吉仁真/多吉仁真
[00:00.000] 作词 : 多吉仁真 [00...
[00:00.000] 作词 : 多吉仁真
[00:01.000] 作曲 : 多吉仁真
[00:02.000] 编曲 : 皮哥
[00:17.115]ཡ་མཚན་པའི་ཐོད་པའི་བསོད་ནམས། གནམ་གྱི་བཀོད་པའི་ལས་དབང་གཉིས། དུས་རབས་གསར་པའི་གོམ་སྟོབས་དང་འགྲོགས་ནས། གངས་ཅན་བོད་ལ་སྐྱེས།
[00:30.700]དུས་ཚོད་ཀྱི་འཁོར་ལོ་དེ་འཁོར་ནས། བྱིས་གླུ་བླང་ནས་སློབ་གྲྭ་ལ་ལོགས་སོང་།ལང་ཚོའི་མཚར་སྡུག་རབ་ཏུ་མངོན་ནས། ཤེས་ཡོན་ལ་འབད།
[00:45.264]ཁོང་གིས་ང་ལ།
[00:48.982]ལོ་སྟོང་ལ་བརྒྱུད་པའི་ལོ་རྒྱུད་ཀྱི་བང་མཛོད་། ཚོད་མེད་པའི་སྐད་ཡིག་གི་ལྡེ་མིག། ང་ཡི་ལག་ཏུ་སྤྲད་བྱུང་།
[00:59.614]དེ་ནས་བཟུང་སྟེ།
[01:03.480]ཆུ་དང་གཙང་པོ་ཡོད་ཚད་ཁྲག་རྒྱུན་ལ་ཐིམ་སོང་། རི་བོ་དང་ས་གཞི་ཡོངས་རྫོགས། ང་ཡི་རུས་རྐང་གྲུབ་སོང་།
[01:17.697]རི་བོ་གངས་ཅན་ལྗོངས་ལ། སྐོར་བ་ལན་གསུམ་བརྒྱབ་ཡོད྄།
[01:25.481]རྩྭ་ཐང་གི་སེར་ཆེམ་དང་། ནག་ཁྲོད་ཀྱི་ཤུག་པ། དྲི་བཟང་ཆི་ལི་ལི།
[01:32.347]ཕ་ས་ཕ་ཡུལ་འདི་ལ། ཡང་ནས་ཡང་དུ་འཇལ་འགྲོ།
[01:39.982]ང་རང་འབྲོག་ས་ལ་དགའ་ན་ཡང་རོང་ཞིང་ལ་དུང་བ།
[01:44.298]རོང་འབྲོག་གཉིས་དུ་གནས་པའི། མི་དམངས་ལ་དགའ་བ།
[02:05.400]ལྷུང་ལྷུང་གངས་ཆུ་དྭངས་མ། ག་ས་ན་བཞུར་འགྲོ། མདུན་ཕྱོགས་ཀྱི་བརྒྱུགས་ཡུལ་གང་ཡིན། རྒྱབ་ཕྱོགས་ཀྱི་འབྱུང་ཡུལ་གང་ཡིན།
[02:19.682]དེང་སང་མཐོ་སྒང་འདི་ལ། ཉིན་རེ་བཞིན་འཕེལ་འགྲོ། ཟང་ཟིང་གི་སྣང་ཚུལ་མཐོང་ནས། སེམས་ནང་ལ་མདུད་པ་ཕོགས་སོང་།
[02:34.099]ང་ཡི་སྙིང་གི་མ་ཡིག་ཁྱེད། དབྱངས་གསལ་སོ་བཞི་ཡི་གྲུབ་པའི་ཡི་གེ་། ཁྱེད་ནི་བརྒྱ་བཤད་ཚིག་གི་རྩ་བ། ང་ཡི་བསམ་དོན་འགོད་སོང་།
[02:48.922]ང་ཡི་སྙིང་གི་ཕ་སྐད་ཁྱེད། དུང་སོ་སུམ་ཅུ་བར་ནས་བྱུང་བའི་དབྱངས་རྟ། དགའ་བའི་མཚོན་རྟགས་ཞིབ་མོ་བརྒྱབ་ནས། སེམས་ཀྱི་སྒང་ཆུང་ལ་བཅུག་་ཡོད་།
[03:03.281]ཕ་སྐད་མ་ཡིག་ཁྱེད་གཉིས། ནོར་བུ་ཡིན། འཇིག་རྟེན་བསྐལ་བ་མཉམ་དུ། འབྲི་ཀློག་གཉིས་ནི་སྦྱོང་དགོས། ནམ་ཡང་སྦྱོང་དགོས།
展开