专业歌曲搜索

金色谷地 - 昂杰MX.mp3

金色谷地 - 昂杰MX.mp3
金色谷地 - 昂杰MX
[00:00.000] 作曲 : 昂杰MX [00...
[00:00.000] 作曲 : 昂杰MX
[00:03.090]རེབ་གོང་གསེར་མོ་ལྗོངས།
[00:06.432]ཚིག  ཁྱུང་བཟང་།
[00:09.648]དབྱངས། འབྲུག་ལྷ་དབང་རྒྱལ
[00:12.135]རོལ་མོ། རིག་རྡོར
[00:13.448]ལེན་མཁན། འབྲུག་ལྷ་དབང་རྒྱལ།
[00:16.239]གླུ་འཇོག་མཁན་སྙན་བཟང་རིན་ཆེན་།
[00:20.799]ཡ་ཁོ་རེ་།བདེ་མོ་ཡིན་ན།ཕ་ཡུལ་གང་གི་ཡིན།
[00:22.623]དང་བོཡུལ་ན་ཡོད་དུས།ཕ་ཡུལ་ཆེ་གི་ཨེ་བསམ།
[00:24.896]ཕྱི་ནས་ཡུལ་ལ་ལོག་དུས།ཕ་ཡུལ་ཆུང་གི་ཨེ་བསམ།
[00:27.561]དོན་དངོས་སུ་ཕ་ཡུལ་ཆེ་གི་བསམ་དུས།ཕྱི་རོལ་མ་མཐོང་བའི་རྟགས་རེད།
[00:30.303]ཕ་ཡུལ་ཆུང་གི་བསམ་དུས།དོན་སྙིང་མ་ཤེས་པའི་རྟགས་རེད།
[00:32.735]ཡ་ཁོ་རེ་ཉོན་ཅིག།གངས་མཐོན་མཐིང་རྒྱལ་མོ་ཤར་ཕྱོགས་ན།ཆུ་རྨ་ཆུ་ལུ་མའི་ལྷོ་ཕྱོགས་ན།
[00:36.851]རི་རྡོ་རྗེ་འདྲ་བའི་སྐེད་པ་ན།ངའི་ཕ་གཞིས་ཆོས་ཀྱི་གདན་ས་ཡོད།
[00:39.852]ངའི་མ་གཞིས་གཡང་གི་ར་བ་ཡོད།
[00:41.124]དེའི་མིང་ལ་རེབ་གོང་གསེར་མོ་ལྗོངས་ཞེས་བྱ།གནས་མི་ཆེ་ཆུང་འབྲིང་ཙམ་ཡོད།
[00:45.795]འབྲིང་གི་ནང་ནས་ཕྱུག་ཙམ་ཡོད།འདི་ནང་ཤོག་བཅུ་གཉིས་མིང་སྲིང་འདྲ།
[00:48.231]ཕྱི་ཤོག་བཅོ་བརྒྱད་སྣག་ཚ་འདྲ།སྨོན་ལམ་ཤོག་ཉེར་གཅིག་རི་སྡེ་འདྲ།
[00:50.855]དགོན་མ་ལག་སོ་ལྔ་མཆོད་རྟེན་འདྲ།
[00:51.967]གྲུབ་གནས་བརྒྱད་པོ་ཕྲ་བརྒྱན་འདྲ།
[00:53.070]འོ་གསེར་མོ་ལྗོངས།གསེར་མོ་ལྗོངས།ཕོ་ལྷ་གསོལ།ཡུལ་ལྷ་གསོལ།སྒྲ་བླ་གསོལ།
[00:57.142]ངའི་ཕ་ཡུལ་རེབ་གོང་གསེར་མོ་ལྗོངས།གསེར་མོ་ལྗོངས་ཀྱི་ངོ་སོ་དགུང་ལ་བསྟོད།
[00:59.649]ཀྱེ།ཀྱེ།གྲོགས་པོ།རིག་པ་འབྱུང་བའི་གྲོང་ལ་ཕེབས་ཤོག།
[01:02.110]གསེར་མོ་ལྗོངས་ལ་ཕེབས་ཤོག།
[01:04.199]མི་རེ་སེམས་ན་ཕ་ཡུལ་རེ།
[01:05.703]ཕ་ཡུལ་གསེར་གྱི་ལུང་བ་རེད།
[01:07.558]ལུང་བའི་ཕུ་ན་ལ་བཙས་རེད།
[01:09.536]ཕ་ཨ་ཁུའི་སྒྲ་བླ་བསྟོད་ས་རེད།
[01:12.703]མགོ་བོ་ཤར་ལ་འཁོར་ན།མིག་གིས་ནུབ་བལྟས་ན།
[01:14.510]ནུབ་ཀྱི་བྱ་ཁྱུང་རྫ་རྒན་དེ།ཕ་ཨ་ཁུའི་རྒྱབ་རིར་བཞུགས་པ་འདྲ།
[01:16.671]ཤར་གྱི་སྟག་ལུང་གཉན་པོ་དེ།ནང་ཕུ་ནུས་རང་མགོ་ཐོན་པ་འདྲ།
[01:18.838]གོང་གི་ཨ་མ་གྱོ་མོ་དེ།མ་བཟང་མའི་བུ་ལགཟིགས་པ་འདྲ།
[01:21.136]བར་གྱི་དགུ་ཆུ་སྔོན་མོ་དེ།མ་སྲུ་མོའི་བརྩེ་དར་བརྐྱངས་པ་འདྲ།
[01:23.463]ཨ་མ་མ་མ་མ་ང་ཡི་གསེར་མོ་ལྗོངས།
[01:24.736]གནས་མི་ངན་གནས་མཆོག་བྱིན་རླབས་ཆེ།
[01:25.887]ས་མི་དམན་ས་ཡི་དགེ་བཅུ་ཚང་།
[01:27.272]སྤང་དང་མེ་ཏོག་མཉམ་དུ་བཞད།
[01:28.174]ནགས་དང་རི་རྩེ་མ་ཉམ་དུ་གཟེངས།
[01:29.126]རྟ་ནོར་ལུག་གསུམ་སྤྲིན་ལ་འདྲེས།
[01:30.446]གྲོ་ནས་སྲན་གསུམ་རླབས་བཞིན་འཕྱོ།
[01:31.599]དུང་དཀར་ཁུ་བྱུག་མཉམ་དུ་གྲག།
[01:32.710]བསང་དུད་དང་སྤྲིན་པ་མཉམ་དུ་འཕྱུར།
[01:33.784]མཚམས་སྤྲིན་གྱི་མཛེས་བ་སྒར་ལ་འཁྱིལ།
[01:35.015]སྒ་ཁ་ཁྲའི་ནང་ན་བན་ཆུང་སྐྱིད།
[01:36.415]གསུང་མན་ངག་གཅིག་གི་འགྲོ་དོན་སྐྱོང་།
[02:16.293]དེ་བཞིན་དུ་།ཤར་ཕྱོགས་རིག་པའི་དཔའ་བོ།
[02:18.352]ཞ་སེར་བསྟན་པའི་མེས་པོ།
[02:19.252]ཆོས་རྗེ་དོན་གྲུབ་རིན་ཆེན།
[02:20.172]གསང་ཆེན་གྲུབ་པའི་འཁོར་ལོ།
[02:20.804]རིག་འཛིན་དཔལ་ལྡན་བཀྲ་ཤིས།
[02:21.694]མདོ་སྔགས་བསྟན་པའི་དཔུང་གཉེན།
[02:22.471]ཡོངས་འཛིན་བློ་བཟང་དཔལ་ལྡན།
[02:23.285]རྒྱལ་ཁམས་རིག་པའི་དེད་དཔོན།
[02:24.221]དྲན་དབང་དགེ་འདུན་ཆོས་འཕེལ།
[02:25.070]ཡ་མཚར་སྤྲུལ་བའི་བཟོ་བོ།
[02:25.752]རྒ་རུའི་བློ་བཟང་ཤེས་རབ།
[02:26.735]ལྷ་འདྲེ་སྟོང་གི་གཉེན་པོ།
[02:27.588]གྱང་རིའི་ཐུགས་རྗེ་དབང་འབུམ།
[02:28.470]གསོ་རིག་སྨན་གྱི་རྒྱལ་བོ།
[02:29.324]དྲུང་ཡིག་སྨོན་ལམ་རྒྱལ་མཚོ།
[02:30.332]དེ་དང་དེ་ལྟ་བའི་གནམ་གྱིས་ས་བཀབ་པ་ལྟ་བུའི།
[02:32.228]སྐྱེས་ཆེན་གསེར་གྱི་ཕྲེང་བ་དག་གིས།
[02:33.581]རིག་པའི་དཔལ་བསྐྱེད།དགེ་བའི་ཆར་ཕབ།
[02:34.483]ཞི་བའི་མཆོག་སྦྱིན།འདི་ཕྱིའི་ལམ་བཤངས།
[03:12.460]ཆོས་མདོ་སྔགས་གཉིས་ཀྱི་བསྟན་པ་དར་ས།
[03:13.451]ལས་དགེ་སྡིག་གཉིས་ཀྱི་བླང་དོར་བྱེད་ས།
[03:15.051]བཤད་སྒྲུབ་གཉིས་ཀྱི་རྒྱལ་མཚན་བསྒྲེང་ས།
[03:15.963]དབང་ལུང་གཉིས་ཀྱི་ཆོས་འཁོར་བསྐོར་ས།
[03:17.012]མི་རྒན་གཞོན་གཉིས་ཀྱི་མ་ནི་འདོན་ས།
[03:18.315]ཆོས་འཇིག་རྟེན་གཉིས་ཀྱི་བྱ་བ་བྱེད་ས།
[03:19.739]སྟོད་དུ་ཀ་རོང་ཡ་རོང་བདེ་རོང་གསུམ།
[03:21.267]བར་དུ་མཚེ་རོང་བླ་རོང་བསེ་རོང་གསུམ།
[03:22.587]སྨད་དུ་ཐེའུ་རོང་ནུའོ་རོང་དགུ་རོང་སྟེ།
[03:24.179]ས་དཀྱིལ།གཉན་ཐོག།སྒོ་དམར།དམའ་པ།སེང་གེ་གཤོང་།
[03:25.859]གླང་རྒྱ ཐེ་བུ འོར་རྒྱ འོར་ནག ཆུ་མ་ལྔ།
[03:27.756]བློན་ཆོས  ཤ་བྲང་ ཉ་ལོང་ ………ལྔ
[03:29.972]རེབ་གོང་གསེར་མོ་ལྗོངས་ཀི་ངོ་སོ་༕་བསྟོད།
[03:32.045]བཀྲ་ཤིས་་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།
展开